top of page

                                          བདག་གམ་ང་།

སྤྱི་ཚོགས་ནི་ཁ་དོག་སྣ་ལྔ་ཚང་བའི་དར་ཆ་ཞིག་དང་འདྲ་ནའང་རང་ཉིད་ཀྱི་མི་གཞི་ལ་གཏན་དུ་ཁ་དོག་གཅིག་ཡིན་ལ།དེ་བཞིན་ཆ་མི་སྙོམ་པའི་སྤྱི་ཚོགས་དང་མི་དམངས་ཀྱི་གནད་དོན་སྣང་མེད་བྱེད་མཁན།ད་དུང་དྲང་བདེན་མིན་པའི་དཔོན་ངན་དེ་ཚོར་བདག་གིས་ཤི་ཡང་མིག་ཟུང་བཙུམ་མི་ཐུབ་པའི་སྙིང་ནད་བཅངས་ཡོད་ལ་གོ་སྐབས་རྟ་རྔ་ཙམ་ཞིག་བྱུང་ཚེ་ཚེ་སྲོག་འབེན་ལ་བཞག་ནས་ཤི་གསོན་གྱི་འཐབ་རྩོད་བྱེད་ནོ་ཁོ་ཐག་ཡིན།དེ་ནི་ང་དཔལ་ལྡན་སྐྱེས་ནས་མ་ཤི་བར་གྱི་དམིགས་ཡུལ་ཡིན་ལ་སེམས་ཀྱི་རྨ་ཁ་ཆེ་ཤོས་ཀྱང་ཡིན་ནོ།།

 

 

གངས་ཡུལ་གྱི་རྨིག་རྗེས་རེ་དང་གྲང་ངར་གྱི་ཙག་ཁའི་ཁྲོད་ན་རླུུང་གིས་སྐྱོད་ཀྱིན་པའི་ཚེ་སྲོག་དེ་དག་ནི་མི་རིགས་ཀྱི་བདེན་དོན་དང་མ་འོངས་ཀྱི་གོམ་ཁའི་ཆེད་དུ་ལོ་རྒྱུས་ལ་རི་མོ་བཀོད་མྱོང་བའི་ཕྱིར་དྲན་བྱེད་འོས་པའི་མི་སྣ་རྐྱང་རྐྱང་ཡིན་ཐོག་འཆི་གསོན་ལ་འཇིགས་སྐྲག་སྐྱེས་མྱོང་མེད་པའི་མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་དཔའ་བོའི་རུ་སྡེ་ཞིག་ཀྱང་ཡིན་ནོ།།

MY BOOKS

FOLLOW ME

  • Facebook Classic
  • Twitter Classic
  • c-youtube

© 2023 by Samanta Jonse. Proudly created with Wix.com

bottom of page